900字范文,内容丰富有趣,生活中的好帮手!
900字范文 > 杂多县召开脱贫攻坚工作推进会

杂多县召开脱贫攻坚工作推进会

时间:2019-08-14 02:28:26

相关推荐

杂多县召开脱贫攻坚工作推进会

ཟླ་9ཚེས་5ཉིན་གྱི་སྔ་དྲོར་རང་རྫོང་གིས་དབུལ་བྲལ་འགག་སྒྲོལ་ལས་དོན་སྐུལ་སྤེལ་ཚོགས་འདུ་སྐོང་འཚོགས་བྱས།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀརྨ་བསམ་གྲུབ་དང་།རྫོང་དབུལ་སྐྱོར་ཅུས་ཀྱི་ལས་བྱེད་པ་ཡོངས་རྫོགས།ཞང་གྲོང་ཁག་གི་ཧྲུའུ་ཅི་དང་པོ།གྲོང་ཚོ་ཁག་གི་ལས་དོན་ས་ཚུགས་ཀྱི་ཀྲན་ཀྲང་།ཆ་འཕྲིན་པ་བཅས་ཚོགས་འདུར་ཞུགས་ཡོད།ཚོགས་འདུ་དེ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀརྨ་བསམ་གྲུབ་ཀྱིས་གཙོ་སྐྱོང་གནང་བ་རེད།

9月5日上午我县召开杂多县脱贫攻坚工作推进会,县政府副县长尕玛桑周、县扶贫局全体干部、各乡镇第一书记、各村工作站站长、信息员参加会议,会议由县政府副县长尕玛桑周主持。

ཚོགས་འདུའི་ཐོག་རྫོང་དབུལ་སྐྱོར་ཅུས་ཀྱི་ཅུས་ཀྲང་གཞོན་པས་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་ཁག་གི་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚུགས་ཀྱི་ཀྲན་ཀྲང་གི་ལས་ཀའི་འགན་འཁྲི་སྒྲོག་སྦྱང་བྱས།དེ་རྗེས་རྫོང་དཔོན་གཞོན་པ་ཀརྨ་བསམ་གྲུབ་དང་རྫོང་དེ་ཡོངས་ཀྱི་ཧྲུའུ་ཅི་དང་པོ་དང་དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས་ཀྱི་ཀྲན་ཀྲང་དབར《རྫ་སྟོད་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་དོན་གྱི་དུས་བཀག་ནང་འགན་འཁྲིའི་ཡི་གེ》དང་།《རྫ་སྟོད་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚུགས་ཀྱི་ཀྲན་ཀྲང་གི་ལས་ཀའི་དམིགས་ཚད་འགན་འཁྲིའི་ཡི་གེ》《རྫ་སྟོད་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཧྲུའུ་ཅི་དང་པོའི་ལས་ཀའི་དམིགས་ཚད་འགན་འཁྲིའི་ཡི་གེ》བཅས་བཞག་པ་རེད།

会上县扶贫局副局长宣读了全县各乡镇第一书记及驻村工作站站长工作职责,随后尕玛桑周副县长与全县所有第一书记及驻村工作站站长签订《杂多县脱贫攻坚重点工作限期办结责任状》《杂多县脱贫攻坚驻村工作站站长工作目标责任书》《杂多县脱贫攻坚第一书记工作目标责任书》。

ཚོགས་འདུའི་ཐོག་རྫོང་དཔོན་གཞོན་པ་ཀརྨ་བསམ་གྲུབ་ཀྱིས་ལས་ཀའི་བླང་བྱ་ཁག་བདུན་བཏོན་པ་སྟེ།གཅིག་ནི། ལས་དོན་ལས་གཞི་སྤེལ་རིང་རང་ངོས་ཀྱི་ཆབ་སྲིད་གནས་བབ་མཐོ་རུ་བཏང་སྟེ་ལས་བགོས་ལུགས་མཐུན་དང་འགན་འཁྲི་ཏན་ཏིག་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་པ་དང་།གཉིས་ནི། གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས་ཁག་གི་ཀྲན་ཀྲང་དང་ཧྲུའུ་ཅི་དང་པོས་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་།རིམ་པ་བཞིན་འགན་འཁྲི་ཞིབ་ཕྲ་བཟོ་བ།དམིགས་ཚད་འགན་འཁྲིའི་ཡི་གེའི་ནང་དོན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཡག་པོ་བྱེད་པ།གསུམ་ནི། སྣོལ་མར་ཞིབ་བཤེར་བྱེད་པར་སྔར་བཞིན་གནད་དོན་ཧ་ཅང་མང་པོ་གནས་ཡོད་པས།ཞང་དང་གྲོང་རྡལ་ཁག་གིས་རང་རང་སོ་སོའི་ཁྱིམ་དུད་དུ་སྐྱོད་ཤུགས་ཆེ་རུ་བཏང་ནས་ལས་དོན་ཁག་ལ་ཡང་བསྐྱར་ཕྱིར་མིག་ལྟ་བ་དང་།ཡང་བསྐྱར་ཞིབ་བཤེར་བྱས་ཏེ་ཕྱི་ཚུལ་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས།བཞི་ནི། སྣོལ་མར་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་ཚུལ་ལ་དམིགས་ཏེ་ལས་དོན་སྤེལ་ཤུགས་མི་འདང་བ་དང་ཨང་རིམ་མཇུག་ཏུ་གནས་པའི་ཞང་དང་གྲོང་རྡལ་ལ་འགན་འཁྲི་བདའ་འདེད་གཏོང་དགོས་པ། ལྔ་ནི།ལོར་དབུལ་སྒྲོལ་ལས་འགན་ཡོད་པའི་རྫ་ཆེན་ཞང་དང་སྨུག་ཡོན་ཞང་གིས་སྔ་སྣུར་དུ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ལ་བསུ་བ་ཞུ་བའི་ལས་དོན་གྱི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་སྟེ།དྲུག་ནས། རྫོང་དབུལ་སྐྱོར་ཅུས་ཀྱིས་སྣོལ་མར་ཞིབ་བཤེར་དང་ལྡོག་འདྲེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་།ཞང་དང་གྲོང་རྡལ་ཁག་གིས་ཚུར་ལན་བྱས་པའི་ནང་དོན་གཞིར་བཟུང་ཉིན་15ཡི་གོང་བཅོས་སྒྲིག་ལས་དོན་ལེགས་སྒྲུབ་བྱེད་དགོས།བདུན་ནི། ཚེས་15ཉིན་གོང་གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས་ཁག་གིས་ཡིག་ཚགས་ཚད་ལྡན་དོ་དམ་ལས་དོན་ངེས་པར་དུ་ལེགས་སྒྲུབ་བྱས་ནས་ལས་དོན་མི་སྣའི་ནུས་པ་སྐོང་འཐེན་གྱིས་རིམ་པ་བཞིན་ལས་བགོས་བྱེད་པ་དང་ལས་དོན་ས་ཚིགས་ཀྱི་སྟོབས་ཤུགས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་ལོར་རང་རེའི་རྫོང་བདེ་བླག་ངང་དབུལ་བྲལ་ཐུབ་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས།

会上尕玛桑周副县长提出了七点工作要求,一是工作开展工程中,要提高自身政治站位,合理分工,切实履行职责,全力以赴打赢脱贫攻坚战;二是,各驻村工作站站长及第一书记要切实履行职责,层层细化责任,全力落实完成好目标责任书的内容;三是:交叉检查仍存在很多问题,各乡镇要加大各自入户力度,对各项工作进行再次回头看,再检查,坚决杜绝形式主义的发生;四是:针对交叉检查工作开展情况,对工作开展不力、排名靠后的乡镇要进行追究问责;五是有脱贫任务的扎青乡、莫云乡要提前做好迎接省级验收的工作准备:六是县扶贫局要做好交叉检查的梳理反馈工作,各乡镇要按照反馈内容15日前完成整改工作;七是:15日前各驻村工作站务必完成档案规范管理工作,调动工作人员的作用层层分工,合理调配工作站的力量,为我县顺利脱贫提供有力保障。

本内容不代表本网观点和政治立场,如有侵犯你的权益请联系我们处理。
网友评论
网友评论仅供其表达个人看法,并不表明网站立场。