གཞས་ཚིག མཐའ་བཞི•བསོད་ནམས་མཆོག
གཞས་གདངས། མར•བཀྲ་རྡོ།
གཞས་པ། གཅུང་པ•རྡོ་རྗེ་ཆོས་སྐྱབས།
གངས་དཀར་ལྷུན་པོ་སེམས་ཀྱི་རྒྱབ་རྟེན་བྱས་ཡོད།།
གཙང་ཆབ་སྔོན་མོ་ལུས་ཀྱི་ཟུངས་ཁྲག་སྒོམ་ཡོད།།
དབྱངས་གསལ་སོ་བཞི་སྲོག་གི་རྒྱུན་ཐག་བསྲིངས་ཡོད།།
ཕ་སྐད་མ་ཡིག་ངག་གི་མཆོད་དབྱངས་འདི་ཡིན།།
ཨེ་མ། ཕ་ས་སྨུག་པོ།
ཡིད་འོང་གི་འབྲི་སྟོད།
ངའི་ཚེ་སྲོག་གི་མྱུ་གུ་འབུས་ས།
ཕོ་བྲང་སྟག་རྩེའི་གཟི་བྱིན་ལྗོངས་ལ་ཁྱབ་ཡོད།།
འབྲི་ཆུ་སྔོན་མོའི་རླབས་ཕྲེང་དགུང་ལ་འཕྱུར་ཡོད།།
དཔའ་བོའི་རྡོ་རིང་གླིང་བཞི་ཁམས་ལ་བརྗིད་ཡོད།།
འབྲུག་མོའི་མཛེས་སྡུག་གངས་ཅན་ཞིང་ན་གྲགས་ཡོད།།
ཨེ་མ། ཕ་ས་སྨུག་པོ།
ཡིད་འོང་གི་འབྲི་སྟོད།
ངའི་གླུ་ངག་གི་མཆོད་དབྱངས་འབུལ་ས།
ཁོར་སྲུང་འདུ་ཤེས་སྔ་མོའི་དུས་ནས་དར་ཡོད།།
སྐྱེ་ཁམས་གླེང་བས་གོ་ལའི་བྱ་དགའ་ཐོབ་ཡོད།།
རྗེ་བཟང་དཔའ་བོའི་ཞབས་རྗེས་གངས་ལ་བཀོད་ཡོད།།
ཚེ་སྲོག་འདྲ་མཉམ་གོ་རྟོགས་འདི་ནས་སད་ཡོད།།
ཨེ་མ། ཕ་ས་སྨུག་པོ།
ཡིད་འོང་གི་འབྲི་སྟོད།
ངའི་དུས་གསུམ་གྱི་མགོ་སྦྲ་སྨུག་པོ།